首页 > 新闻中心 > 自然资源要闻

ས་གཤིས་གནོད་འཚེའི་སྐོར་གྱི་ཚན་རིག་ཁྱབ་གདལ་ལེའུ་གསུམ་པ།地质灾害科普(三)

  • 林芝市自然资源局
  • 2020-04-17 15:14:00
  • 来源:林芝市自然资源局
  • 【字体: 大  中 
  • 【打印文本】

    ས་གཤིས་གནོད་འཚེ་མ་བྱུང་གོང་རྟག་ཏུ་རྒྱུན་དང་མི་འདྲ་བའི་སྣང་ཚུལ་ཐོན་གྱི་ཡོད།རྒྱུན་ལྡན་འཚོ་བའི་ཁྲོད་གལ་ཏེ་གཤམ་གསལ་སྣང་ཚུལ་འདི་དག་མཐོང་ཚེ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་སྙན་སེང་ཞུས་ནས།གནོད་འཚེ་སྔོན་འགོག་གི་གྲ་སྒྲིག་ཡག་པོ་བྱ་དགོས།      

       地质灾害发生之前,经常会有一些异常现象发生。日常生活中如果发现下面这些迹象要及时报告有关部门,做好防灾准备。


       སེར་ཁ་གས་པ་མཐོང་ཚེ་སྙན་སེང་ཞུ་དགོས། ཁང་པའི་གྱང་ངོས་སམ་ས་ངོས་གས་པ་དང་། རི་གཟར་མངོན་གསལ་དོད་པོ་གས་པ་འདི་དག་ནི།  རི་ཉིལ་བའི་སྔ་ལྟས་ཡིན། 

       发现裂缝要报告 房屋墙壁或地面发生开裂,斜坡表面出现明显裂缝,是发生滑坡的前兆。


      ཆུ་ཁ་གློ་བུར་དུ་འགྱུར་བ་མཐོང་ཚེ་སྙན་སེང་ཞུ་དགོས།རྫིང་དང་ཁྲོན་པའི་ཆུ་ཁར་འགྱུར་ལྡོག་མངོན་གསལ་དོད་པོ་ཕྱིན་པ་དང་། ཆུ་མིག་གི་ཆུ་གློ་བུར་དུ་ཆད་པའམ་ཕྱིར་འཕྱོ་བ།ཆུ་ཉོག་པོར་གྱུར་བ་བཅས་ནི། རི་ཉིལ་བའི་སྔ་ལྟས་ཡིན། 

       水位突变要报告池塘或井水位明显变化,泉水突然断流或外冒,水变浑浊,是发生滑坡的前兆。


      སྲོག་ཆགས་ཀྱི་བྱེད་སྟངས་ཚུལ་རྒྱུན་དང་མི་འདྲ་བ་མཐོང་ཚེ་སྙན་སེང་ཞུ་དགོས།ཁྱི་དང་ཁྱིམ་བྱ་སོགས་གློ་བུར་དུ་དངངས་སྐྲག་སྐྱེས་ནས་ཡར་མཆོང་མར་རྒྱུག་བྱེད་པ་དང་།གཉིད་མི་ཉལ་བ། སྦྲུལ་དང་ཙི་ཙི་སོགས་གང་སར་རྒྱུག་ཅིང་ཁུང་བུའི་ནང་མི་འཛུལ་བ་ནི། རི་ཉིལ་བའི་སྔ་ལྟས་ཡིན། 

        动物异常要报告  狗、鸡等突然惊恐万分,上蹿下跳,不入睡;蛇、鼠等乱窜,不进洞,是发生滑坡的前兆。


       བྲག་རྡོ་ནས་སྒྲ་གྲགས་ཅིང་བྲག་རྡོ་ཟགས་པ་མཐོང་ཚེ་སྙན་སེང་ཞུ་དགོས། རི་གཟར་སྟེང་གི་གས་སྲུབས་ཆེ་རུ་འགྲོ་བ་དང་། བྲག་རྡོ་ནས་གས་ཆག་གི་སྒྲ་གྲགས་པ།རྦབ་རྡོ་ཟགས་པ་བཅས་ནི།  གས་རྡིབ་ཡོང་བའི་སྔ་ལྟས་ཡིན། 

        岩石响落要报告  陡坎坡顶上的裂缝变大,岩石发生碎裂声,有石块掉落,是发生崩塌的前兆。


      

      ཆུའི་རྒྱུག་སྟངས་ལ་འགྱུར་ལྡོག་ཕྱིན་པ་མཐོང་ཚེ་སྙན་སེང་ཞུ་དགོས།རྒྱུག་ཆུ་གློ་བུར་དུ་ཆད་པའམ་ཡང་ན་ཆུ་ཤུགས་ཇེ་ཆེར་འགྲོ་བ།ཆུའི་ནང་ཤིང་རྩྭ་དང་ཡལ་ག་ཁྱེར་འགྲོ་བ། ཆུ་ཧ་ཅང་ཉོག་པ་བཅས་ནི། འདམ་རྡོའི་ཆུ་རུད་རྒྱག་པའི་སྔ་ལྟས་ཡིན། 

        水流变化要报告  河流突然断流或水势加大,夹杂较多柴草、树枝,异常浑浊,是发生泥石流的前兆。


      གྲོག་རོང་ནས་རྒྱུན་དང་མི་འདྲ་བའི་སྒྲ་གྲགས་པ་ཐོས་ཚེ་སྙན་སེང་ཞུ་དགོས། གྲོག་རོང་གི་ཐག་རིང་ནས་ལྡིར་སྒྲ་གྲགས་པ་དང་། གྲོག་རོང་ཉེ་འགྲམ་དུ་ས་ཕྲན་བུ་གཡོ་བའི་སྣང་བ་ཡོད་པ་ནི།འདམ་རྡོའི་ཆུ་རུད་རྒྱག་པའི་སྔ་ལྟས་ཡིན། 

       沟谷异响要报告  沟谷远处传来轰鸣声,沟谷附近有轻微的震动感,是发生泥石流的前兆。

གྱང་ངོས་གས་ཤིང་ཆུ་ཁ་འགྱུར།
བྱ་ཁྱིས་འདྲོགས་སྐད་འདོན་ཞིང་སྦྲུལ་བྱི་གང་སར་རྒྱུག

བྲག་རྡོ་འགྱུར་སྣོལ་ཐེབས་ཅིང་རྦབ་རྡོ་ལྷུང་།

གྲོག་ཆུ་ཉོག་པོར་གྱུར་ཞིང་གྲོག་ཤུར་གཡོ།

墙体开裂水位变,

鸡鸣犬吠蛇鼠窜。

岩石错碎落石伴,

沟水浑浊山谷颤抖。


责任编辑:宋军刚

扫一扫在手机打开当前页